[36A] །།། །རྒྱ་གར་སྐད་དུ། ཨཱརྱ་བི་ཤེ་ཥ་བ་ཏི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས། སངས་ རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སྦྲུལ་གྱི་ལོའི་དགུན་ཟླ་ར་བ་ཚེས་ ཉི་ཤུ་ལ་ཡུལ་ཕུག་རོན་ཅན་ན། གྲོང་ཁྱེར་སིཉྩོ་ཞེས་བྱ་བའི་གཙུག་ལག་ཁང་ན་བཞུགས་ཏེ། དེའི་ཚེ་དགེ་སློང་ཚེ་བརྗོད་ཅེས་བྱ་བ་དོན་ཞིག་གི་ཕྱིར། གྲོང་ཁྱེར་གནས་ སོང་ཞེས་བྱ་བར་སོང་སྟེ། དགེ་སློང་དེ་རྒྱ་ཡུལ་གྱི་གྲོང་ཁྱེར་ནས་དཔག་ཚད་བརྒྱའི་ལམ་དུ་ཕྱིན་པ་དང། དགེ་སློང་དེས་བར་དེར་མི་ལུས་ཆེན་པོ་ཁྲུན་དུ་མཐོ་སུམ་ཅུ་ ཡོད་པ། བཞིན་མཐོ་[?]བཞི་པ་ཞིག་རྒྱང་རིང་པོ་ནས་མཐོང་ངོ་།མཐོང་ནས་ཀྱང་དགེ་སློང་ཚེ་བརྗོད་དེས་མི་དེ་ལྟ་བུ་དེ་ལ་འདི་སྙམ་དུ་བསམས་ཏེ། ཀྱེ་མ། མི་འདི་ནི་ལུས་ ཆེ་སྟེ། འདི་ནི་འཇམ་དཔལ་གཞོན་ནུར་གྱུར་བ་ཡིན་དུ་ངེས་སོ་སྙམ་ནས། དེས་པུས་མོ་གཉིས་ཀའི་ལྷ་ང་ས་ལ་བཙུགས་ཏེ། མི་ལུས་ཆེན་པོ་ག་ལ་བ་དེ་ལོགས་སུ་ [36B] མི་ལུས་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་ཁྱོད་འཇམ་དཔལ་གཞོན་ནུར་གྱུར་པ་སྟེ། འདི་ན་གདའ་འམ། འཇམ་དཔལ་གྱིས་སྨྲས་པ་ དགེ་སློང། དེ་དེ་བཞིན་ནོ། །དགེ་སློང་དེས་སྨྲས་པ། འཇམ་དཔལ་ཁྱོད་ཅིའི་སླད་དུ་འདི་ན་གདའ། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། དགེ་སློང། འཛམ་བུའི་ གླིང་འདིར་སེམས་ཅན་རྣམས་ལ་ནད་རྣམ་པ་སྣ་ཚོགས་པ་འབྱུང་སྟེ་གནོད་སྦྱིན་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། དྲི་ཟ་རྣམས་རིའི་རྒྱལ་པོ་རི་རབ་ཀྱི་ངོས་ གཅིག་ལ་གནས་སོ། །དེས་ཉི་ཟླའི་འོད་ཀྱང་མི་མངོན། ཉི་མ་དང་ཟླ་བ་དང། གཟའ་དང། རྒྱུ་སྐར་རྣམས་ཀྱང་ནམ་མཁའི་བར་སྐབས་ན་མི་སྣང་ངོ། །དེའི་ཚེ་ལྷ་དང་ ལྷ་མ་ཡིན་ཀྱང་གཡུལ་འགྱེད་དེ། གཡུལ་བཀྱེ་བ་དང། ལྷ་རྣམས་ནི་ཕམ། ལྷ་མ་ཡིན་རྣམས་ནི་རྒྱལ་ཏེ། དེའི་ཚེ་འབྱུང་པོ་དང། ཡི་དྭགས་རྣམས་བུད་མེད་ཀྱི་གཟུགས་ ཀྱིས་སེམས་ཅན་རྣམས་ལ་ནད་གཏོང་སྟེ། འདི་ལྟ་སྟེ། ལྐོག་མའི་ལྷ་གོར་དང། འབྲུམ་ཕྲན་དང། མེ་དབལ་དང། ལྟོ་བ་ན་བ་དང། རིམས་ཉིན་གཅིག་པ་དང་ ཉིན་གཉིས་པ་དང། ཉིན་གསུམ་པ་དང། ཉིན་བཞི་པ་དང། རླུང་ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པ་དང། བད་ཀན་ལས་གྱུར་པ་དང། འདུས་པ་ལས་གྱུར་ [37A]༄༅། །པ་དང། ཀླད་པ་ན་བ་དང། ཕོལ་མིག་དང། གཡན་པ་དང། ཚད་པ་དང། མིག་ནད་ལ་སོགས་པ་ཉེ་བར་སྒྲུབ་པོ། །འདི་ལྟ་སྟེ། ཆར་ཆེས་པ་ དང༑ ཐན་པ་དང། དུས་མ་ཡིན་པའི་ཆར་གྱིས་ལོ་ཏོག་ཕུན་སུམ་ཚོགས་པའི་འོད་འཕྲོག། སེམས་ཅན་རྣམས་ཀྱི་མདངས་འཕྲོག་ཚེ་དང། སྟོབས་དང། མདོག་ དང༑ གཟུགས་འཕྲོག་སྟེ། དེའི་ཚེ་འཛམ་བུའི་གླིང་ན་སེམས་ཅན་ཐམས་ཅད་ནད་སྣ་ཚོགས་ཀྱིས་ཡོངས་སུ་ཉེན་ཏོ། །གཏུམ་པོ་སེང་གེ་དང། སྤྱང་ཀི་དང། སྟག་དང་ སྦྲུལ་ལ་སོགས་པའི་གཟུགས་ཀྱིས་སེམས་ཅན་རྣམས་ཀྱི་མདངས་འཕྲོག་སྟེ། འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་དུས་མ་ཡིན་པར་ཆུད་ཟ་བ་ཉེ་བར་གནས་པས་ སེམས་ཅན་རྣམས་ནད་ལས་ཐར་བར་བྱ་བ་ཡང་དཀའ་སྟེ། འཛམ་བུའི་གླིང་འདིར་སེམས་ཅན་རྒན་པ་དང། བར་མ་དང། གཞོན་པ་དག་ལས་དཀྲིགས་ཕྲག་སུམ་ཅུ་ འཆི་བར་འགྱུར་རོ། །དེའི་ཕྱིར་ང་དགེ་སློང་ཁྱོད་ཀྱི་གན་དུ་འོངས་ཀྱི། ཁྱོད་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་རྣམ་གྲངས་འདི་སྒྲོགས་ཤིག་ དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་ནི། འདི་སྙམ་དུ་བདག་ཅག་ཇི་ལྟར་སྡུག་བསྔལ་གྱིས་བཅིངས་པ་ཐམས་ཅད་ལས་ཐར་བར་ [37B] །དེ་ལྟ་བས་ན། དགེ་སློང་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་མདོ་འདི་སྒྲོགས་ཏེ། སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་ ནན་ཏན་གྱིས་ཤིག་དཀོན་མཆོག་གསུམ་ལ་རྟག་པར་རྒྱུན་དུ་དད་པར་གྱིས་ཤིག། ལྷ་རྗེད་ཅིག་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་སམ། སྐུ་གཟུགས་རྣམས་ ལ་སྤོས་དང། མེ་ཏོག་དང། བདུག་པ་རྣམས་ཀྱིས་མཆོད་པར་གྱིས་ཤིག་།ཁྱད་པར་ཅན་གྱི་གཟུངས་ཀྱང་ལྷོགས་ཤིག་ཉི་མ་བདུན་ཡན་ལག་བརྒྱད་པ་དང་ལྡན་པའི་ གསོ་སྦྱོང་ལ་ཉེ་བར་གནས་པར་གྱིས་ཤིག། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་ཡངས་ཟབ་མོ་འབྲུག་བསྒྲགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཏདྱ་ཐཱ་ བི་པུ་ལ་གརྫི་ཏེ། བི་པུ་ལ་སཱ་རེ། བི་པུ་ལ་ཡོ་ནི་ཤེ་ཨ་ན་ལ་སེ། ཨ་ན་ལ་སཾ་བྷ་བེ། ཨ་ན་ལ་སེ། ཨ་ན་ལ་སཾ་བྷ་བེ། ཨ་ལ་ས་ག་ཏིཾ་ག་ཏེ་སཱཧཱ། དེ་བཞིན་གཤེགས་པ་སྒྲིབ་ པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཧེ་མ་ཧེ་མ། ཧ་མ་ཧ་མ་སཱཧཱ། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་མི་ཏོབྦྷ་ བེ༑ ཨ་མི་ཏ་སམྦྷ་བེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་བི་ཀྲཱནྟི་ཀ་རེ། ཨ་མི་ཏ་ག་ག་ན་ཀཱིརྟི་ཀ་རེ་སཱཧཱ། དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་ [38A]༄༅། །ག་ག་ན་ས། ཨཱ་ཀ་ར། ག་ག་ན་སམྦྷ་བི། ག་ག་ན་ཀིརྟི་ཀ་རེ་སཱཧཱ། དེ་བཞིན་གཤེགས་པ་ཀུན་ནས་སྤོས་མཆོག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་ ས་མ་ས་མེ་སཱཧཱ། དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གྱིས་འབྲུག་བསྒྲགས་གཤེགས་པ་ལ་ཕྱག་འཚལ་ལོ་།ཏདྱ་ཐཱ། ཨ་ས་མ་ས་མེ་སཱཧཱ། དེ་ བཞིན་གཤེགས་པ་ང་རྒྱལ་གནོན་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། མ་ན་བི་ཤུདྡྷེ། པདྨེ་ཤྭ་རེ། པདྨ་སམ་བྷ་བེ། ཀིང་ཀ་ར། ཧི་ཏཾ་ཀ་རཱི་ཡེ་སཱཧཱ། སངས་རྒྱས་དང། བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཤྭེ་ཏ་ཀ་ར་བཧེ་ཛ་ལི་ནེ་སཱཧཱ། ཛ་མ་བྷ་ནེ། སྟམྦྷ་ནེ། མོ་ཧ་ནེ་སཱཧཱ། པཽཎྚ་རི་ཀཱ་ཡ་སཱཧཱ། ཧོ་མེ་དྷརྨེ། དྷརྨཱ་ཙནྟ་ཡེ་སཱཧཱ། དྷ་རེ་བཧི་དྷ་རེ། ཀ་ལ་ རི་[?]སྒ་[?]རུ་ཏ་ཡེ་སཱཧཱ། ཤནྟ་ཀཱནྣ་ནིརྦ་པ་ཎྱཻ་སཱཧཱ་དཧུ་རུ་དཧུ་རུ། བི་དུ་རུ་དཧི་ཡེ་སཱཧཱ། བི་ལ་མ་པྲ་ཙུནྡཱ་ཡཻ་སཱཧཱ། ཨ་བ་ལོ་ཀི་ཏེ། བི་ལོ་ཀི་ཏཱ་ཡཻ་སཱཧཱ། ཨཱཛྙཱ་ན་བི་དྷ་མ་ནྱཻ་སཱཧཱ། པདྨ་ སཱ་རེ། པདྨ་སཾ་བྷ་བེ། ཀིར་ཀ་རེ། ཧི་ཏང་ཀ་རི་ཡེ་སཱཧཱ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙནྡྲ་པྲ་དཧེ། ཙནྡྲ་ན་གརྦྷེ་ [38B] ཀེ་ཀཻ་ལ་ས་བ་ཏི། སརྦ་བུདྡྷ། ཨ་དཧི་ཥྛི་ཏ་ཨ་ནུ་མོ་དི་ཏེ་སཱཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཛ་ཡེ་ཛ་ཡེ། ཛ་ཡ་ལ་བཧེ། ཛ་ ཡ་མཧཱ་མ་ཧེ་སཱཧཱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ག་ག་ན་ཨརྱེ། ག་ག་ན་ས་མུངྒ་ཏེ་ ག་ག་ན་བི་ཀྲཱན་ཏ། བི་ཀྲཱན་ཏ། ཨེ་ཛེ་མི་ཛི། པད་མོ་མོ་ཛི་སཱཧཱ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ་།ཏདྱ་ཐཱ། ཧེ་བྷ་དྲེ། མཧཱ་བྷ་དྲེ། ཨ་ཏི་བྷ་དྲེ། ས་མནྟ་ བྷ་དྲེ༑ བི་ག་ཏ་རཱ་ཛ་སེ། མཧཱ་བི་ག་ཏ་རཱ་ཛ་སེ། ཨ་ཏི་བི་ག་ཏ་རཱ་ཛ་སེ། ཧེ་མ་བ་ཏི། ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སཱཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། མཻ་ཏྲི་མཻ་ཏྲི། མཻ་ཏྲི་མ་ན་སེ་སཱཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ་།ཏདྱ་ཐཱ། གརྦྷེ་གརྦྷེ། གརྦྷ་བི་ཤོ་དྷ་ནེ་སཱཧཱ། བྱང་ཆུབ་སེམས་དཔའ་ འཕགས་པ་བློ་གྲོས་མི་ཟད་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་ཨཀྵ་ཡེ་ནུ། ཨཀྵ་ཡེ་ཕུ། ཨཀྵ་ཡ་ཀརྨ་བི་ཤོ་དྷ་ནེ་ཕུ་སཱཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་དྲི་མ་མེད་ པར་གྲགས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཀཱིརྟི་ཏཱ། སརྦ་ཛི་ནཻ། ཨ་བཧི་ཀཱིརྟ་ཏཱ། སརྦ་ཛི་ནཻ། བཛྲཱ་ཨ་ཀ་རེ་བཛྲ་སམྦྷ་བེ། བཛྲ་བེ་དཱ་ཀཱ་རེ་སཱཧཱ། བྱང་ཆུབ་ [39A]༄༅། །སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། སརྦ་ཨཱ་བར་ཎ་བི་སྐམ་བི་ཎྱཻ་སཱཧཱ་དྷཱ་ཏུ་བི་ཀ་ར་ཎྱཻ་སཱཧཱ། མེ་གྷ་ བི་སྥོ་ཊ་མེ་སཱཧཱ། ཨ་པ་རཱ་ཛི་ཏ་ཀཱ་ཡཻ་སཱཧཱ། བ་ལ་དད་ཎྱཻ་སཱཧཱ། བོ་དྷྱང་དད་ཎྱཻ་སཱཧཱ། ཀརྨ་ནིརྦྷ་བི་ཏ་ཀཱ་ཡེ་སཱཧཱ། ཨེ་ཀཱ་རཱ་མ་ཡཻ་སཱཧཱ། ཡོ་གཱ་ཙ་རཱ་ཡཻ་སཱཧཱ། སརྦ་བུདྡྷ་ བཧི་ཥི་ཀ་ཏཱ་ཡཻ་སཱཧཱ། པྲཧྨོ་བ་ཀུ་ཏཱ་ཡེ་སཱཧཱ། སརྦ་དྷརྨྨ་ཨ་བི་ཥི་ཀ་ཏཱ་ཡེ་སཱཧཱ། སརྦ་བུདྡྷ་ཨ་བཧི་ཥི་ཏ་ཡཻ་སཱཧཱ། ཨེ་ཀ་ཤྲིངྒ་ཡཻ་སཱཧཱ། ཨ་ཤྲིངྒ་ཡེ་སཱཧཱ། བྷཱུ་ཏཱ་ཡཻ་སཱཧཱ་ ཨ་སཾ་བྷཱུ་ཏཱ་ཡཻ་སཱཧཱ། སརྦ་དུཿ་ཁོ་པྲ་ཤ་མ་ཎྱཻ་སཱཧཱ། ཟླ་འོད་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙནྡྲ་པྲ་བཧེ། སུ་པྲ་བཧེ། པྲ་བྷཱ་ཨ་ཀ་ར། པྲ་བྷོཏྐ་ཏེ། པྲ་ བྷོཏྐ་ཏེ། པྲ་བྷ་བ་ཏི། པྲ་བྷ་བ་ཏི། དྷརྨ་བི་ཤུདྷེ། ཀརྨཱ་བི་ཤུ་དྷིརྦྷ་ཏུ་མེ་སཱཧཱ། ཚེ་བརྗོད། གང་ལ་ལ་ཞིག་རིག་སྔགས་འདིས་ཉིན་ཞག་བདུན་དུ་ཉིན་ལན་བདུན་ མཚན་ལན་བདུན་དུ་བྱབ་པ་བྱས་ན། དེའི་ལས་ཀྱི་སྒྲིབ་པ་མ་ལུས་པ་རྣམ་པར་དག་པར་འགྱུར་རོ། །དགེ་སློང་བདུན་ལ་ཟས་སྦྱིན་ནོ་།མེ་ལས་མེ་སྤེལ་བར་བྱའོ། ། མཚན་མོ་མར་མེ་ཐོགས་ཏེ་མཆོད་རྟེན་ལ་བསྟི་སྟང་དུ་བྱས་ལ་སྐོར་བ་བྱའོ། །དམ་པའི་ཆོས་བྲི་བ་དང། བཀླག་པ་ལ་བརྩོན་པར་བྱའོ། །གལ་ཏེ་ཡམས་ཀྱི་ནང་ [39B] གྲོང་ནས་གྲོང་དང་གྲོང་ཁྱེར་ནས་གྲོང་ཁྱེར་དུ་གན་དྷ་ར་སའི་བདུག་པ་དང། གཏོར་མ་དང། ལྷ་བཤོས་ཀྱིས་མཆོད་པ་བྱའོ། །ནད་པ་གང་ ཡིན་པ་དེས་ཀྱང་ཆོ་ག་འདི་བཞིན་དུ་བྱས་ན་དེ་མྱུར་དུ་ནད་ལས་ཐར་བར་འགྱུར་རོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས། དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་ སྨྲས་སོ། །དགེ་སློང། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ཀློག་གམ། ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་ གམ༑ གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ན། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཡང་འཇམ་དཔལ་ གཞོན་ནུར་གྱུར་པས་དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ་།ཆོས་ཀྱི་རྣམ་གྲངས་འདི་ཅི་ནས་སྐྱེ་བོ་ཐམས་ཅད་ཀྱི་རྣ་ལམ་དུ་གྲག་པར་འགྱུར་བར་ཡུལ་ནས་ཡུལ་དང་ གྲོང་ཁྱེར་ནས་གྲོང་ཁྱེར་དང། གྲོང་ནས་གྲོང་དུ་བསྐུར་བར་བྱའོ། །ཡང་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་བརྗོད། རིགས་ ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལན་གཅིག་བཀླགས་ན་དེ་བདག་ཉིད་ཐར་བར་འགྱུར་རོ། །སུས་ལན་གཉིས་བཀླགས་ན་དེ་བུ་ [40A]༄༅། །དང༑ ཆུང་མ་དང། ལྷན་ཅིག་ཐར་བར་འགྱུར་རོ། །སུས་ལན་གསུམ་བཀླགས་ན་དེ་རྩ་ལག་གི་ཚོགས་ཀྱི་སྐྱེ་བ་དང་བཅས་ཏེ་ཐར་བར་འགྱུར་ རོ༑ ༑སུས་ལན་བཞི་བཀླགས་ན་དེ་ཡུལ་འཁོར་ཐམས་ཅད་ཀྱང་ཐར་བར་འགྱུར་རོ། །སུས་ལན་ལྔ་བཀླགས་ན་དེ་ཉེ་འཁོར་གྱི་རྒྱལ་པོ་དང་བཅས་པ་ཐར་བར་འགྱུར་ རོ༑ ༑ཡང་འཇམ་དཔལ་གཞོན་ནུར་གྱུར་པས། དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ། །ཆོས་ཀྱི་རྣམ་གྲངས་འདི་མྱུར་དུ་ཡུལ་གཞན་དག་ཏུ་བསྐུར་བར་བྱ་སྟེ་ དེར་ཡང་ཡོན་ཏན་འདི་དག་འབྱུང་བར་འགྱུར་རོ། །ཚེ་བརྗོད། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ལ་མི་འཛིན་ཏམ། མི་ཀློག་གམ་ཡི་གེར་མི་འདྲི་འམ། ཡི་གེར་ འདྲིར་མི་འཇུག་གམ། ཀུན་ཆུབ་པར་མི་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་མི་སྟོན་ཏམ། ཡུལ་གཞན་དུ་མི་འབྱིན་ཏམ། སེམས་ཅན་ཐམས་ ཅད་དང་ཐུན་མོང་དུ་བྱས་ཏེ་མི་ཉན་ཏམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་ན་མཚམས་མེད་པ་ལྔ་བྱེད་པ་རྣམས་ཀྱི་འགྲོ་པ་ཅི་འདྲ་བ་ དེ་འདྲ་བར་མངོན་པར་འགྲུབ་སྟེ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྨད་པའོ། །ཡང་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་ཚེ་ [40B] །ཚེ་བརྗོད། སུ་ཞིག་འདི་ཚད་མར་མི་བྱེད་པ་དེ་ནི་ངས་ཐོག་མ་ཉིད་དུ་དད་པར་བྱས་པ་མ་ཡིན་ནོ། །ཇི་ལྟར་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་བདེ་བར་འགྱུར་ བར་བྱ་བའི་ཕྱིར། ང་རིའི་རྒྱལ་པོ་རི་རབ་ལ་སོང་སྟེ། ལྷ་དང། དྲི་ཟ་རྣམས་ལ་རྗེས་སུ་བསྟན་པ་དང་མཐུན་པར་སྦྱར་བར་བྱ་བའི་ཕྱིར་ནན་ཏན་བྱའོ། །དེ་སྐད་ཅེས་སྨྲས་ནས་འཇམ་དཔལ་གཞོན་ནུར་ གྱུར་པ་མི་སྣང་བར་གྱུར་ཏོ། །དགེ་སློང་ཚེ་བརྗོད་ཀྱིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ་ལ་མངོན་པར་བསྟོད་དེ་བཟུང་ནས་སོང་ངོ། །འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས་ རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང། དཱ་ན་ཤཱི་ལ་དང། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ ཕབ་པ་